རཏྣ་ཤྲཱིའི་དགོན་པ་གསར་བཞེངས་བྱེད་པའི་ལས་གཞིའི་དངོས་བྲིས། (སྤྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༩ ཉིན)

རཏྣ་ཤྲཱིའི་དགོན་པ་གསར་བཞེངས་མཛད་མཁན་སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེ་མཆོག་ནི་རང་ཉིད་སྟོབས་ཤུགས་ཅི་ནུས་ཀྱིས་རཏྣ་ཤྲཱིའི་དགོན་པ་གསར་བཞེངས་གནང་དབུ་བཙུགས་པ་མ་ཟད་རྙོག་འཛིང་ཆེ་བའི་ལས་གྲྭ་ཆེ་ཕྲ་ཐམས་ཅད་ལ་ཡང་སྐུ་ངལ་འཛེམ་མེད་ཀྱི་སྒོ་ནས་ཞིབ་ཚགས་འཆར་འགོད་མཛད་གནང་ཡོད། ད་ཆ་བཟོ་བཀོད་གཙོ་བོ་མི་འགྱངས་བར་འགྲུབ་རྒྱུ་རེད། བརྗིད་ཉམས་ཆེ་བའི་དགོན་སྡེའི་གཞི་ཁྱོན་འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་དུ་མངོན།

སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེ་ནི་བྱམས་བརྩེ་དང་སྨོན་འདུན་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་རྗེས་བྱིན་གྱི་རླབས་པས། རི་ཚོགས་མཐའ་ནས་བསྐོར་བའི་ལྗང་ཐིང་གི་ཁྲོད་དུ་ཡར་ལངས་པའི་རཏྣ་ཤྲཱིའི་དགོན་པ་དེ་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པ་ཞིག་རེད། ནང་བསྟན་ཀྱི་ཆོས་བརྒྱུད་ཡང་དག་པ་འཛིན་མཁན་སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཐུབ་པའི་དབང་པོའི་བསྟན་པར་འཛིན་སྐྱོང་སྤེལ་གསུམ་གྱིས་སྒོ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་ཁོ་ནར་འགྱུར་བར་ཤོག

མདོ་ཁང་ཆེན་མོའི་བཟོ་བཀོད་གཙོ་བོ་བརྒྱ་ཆ་དགུ་བཅུ་གོ་ལྔ་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་བདུན་གྲུབ་ཟིན་པ།
སྤྱན་རས་གཟིགས་ལྷ་ཁང་གི་བཟོ་བཀོད་གཙོ་བོ་བརྒྱ་ཆ་བརྒྱ་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་བདུན་གྲུབ་ཟིན་པ།
མཚམས་ཁང་གི་བཟོ་བཀོད་གཙོ་བོ་བརྒྱ་ཆ་བརྒྱ་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་ཉི་ཤུ་རྩ་ལྔ་གྲུབ་ཟིན་པ།
ལས་ཁུངས་ལྟེ་གནས་ཀྱི་བཟོ་བཀོད་གཙོ་བོ་བརྒྱ་ཆ་བརྒྱ་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་ཉི་ཤུ་རྩ་གཅིག་གྲུབ་ཟིན་པ།
བླ་བྲང་གི་བཟོ་བཀོད་གཙོ་བོ་བརྒྱ་ཆ་བརྒྱ་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་བཅོ་ལྔ་གྲུབ་ཟིན་པ།
དགོན་སྡེའི་བཟོ་བཀོད་ཁྱོན་ཡོངས་ཀྱི་སྒྲུབ་ཚད། བརྒྱ་ཆ་བདུན་བཅུ་གྲུབ་ཟིན་པ།

更新日期:14 十二月, 2023 4:26 下午

▲置頂