རཏྣ་ཤྲཱིའི་དགོན་པ་གསར་བཞེངས་བྱེད་པའི་ལས་གཞིའི་དངོས་བྲིས། (སྤྱི་ལོ་ ༢༠༢༣ ཟླ་ ༨ ཚེས་༢༢ ཉིན)

སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༢༠༡༩ དེའི་ནང་རཏྣ་ཤྲཱིའི་དགོན་པ་བཞེངས་དབུ་བཙུགས་པས་དུས་དེ་ནས་བཟུང་ད་ལྟའི་བར། རིམས་ནད་ཀྱི་རྐྱེན་པས་བཟོ་པ་དང་རྒྱུ་ཆ་དཀོན་ན་ཡང་། སྐྱབས་རྗེ་རིན་པོ་ཆེ་མཆོག་གཟའ་འཁོར་རེར་ནང་རང་ཉིད་དངོས་སུ་ལས་ཀ་ཁག་ལ་མཛུབ་ཁྲིད་དང་བསྐུལ་མ་མཛད་ནས་ཐུགས་འཁུར་ཆེན་པོའི་རྒྱུན་འཁྱོངས་འོག ལས་གྲྭ་ཁག་བདེ་བླག་ངང་རྒྱུན་མཐུད་ཐུབ་པར་བྱུང་ཡོད།

རི་ཚོགས་མཐའ་ནས་བསྐོར་བའི་གཤོང་ས་དེར་རྒྱངས་ནས་བལྟ་ན་རཏྣ་ཤྲཱིའི་དགོན་པ་དེ་དག་ཞིང་ལྟ་བུ་ཞིག་ཀྲོང་ངེར་གནས་ཡོད། ནང་བསྟན་ཀྱི་ཆོས་བརྒྱུད་ཡང་དག་པ་འཛིན་མཁན་སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཐུབ་པའི་དབང་པོའི་བསྟན་པར་འཛིན་སྐྱོང་སྤེལ་གསུམ་གྱིས་སྒོ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་ཁོ་ནར་འགྱུར།

མདོ་ཁང་ཆེན་མོའི་བཟོ་བཀོད་གཙོ་བོ་བརྒྱ་ཆ་དགུ་བཅུ་གོ་དྲུག་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་བཞི་བཅུ་ཞེ་ལྔ་གྲུབ་ཟིན་པ།
སྤྱན་རས་གཟིགས་ལྷ་ཁང་གི་བཟོ་བཀོད་གཙོ་བོ་བརྒྱ་ཆ་བརྒྱ་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་སུམ་ཅུ་སོ་ལྔ་གྲུབ་ཟིན་པ།
མཚམས་ཁང་གི་བཟོ་བཀོད་གཙོ་བོ་བརྒྱ་ཆ་བརྒྱ་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་དྲུག་བཅུ་གྲུབ་ཟིན་པ།
ལས་ཁུངས་ལྟེ་གནས་ཀྱི་བཟོ་བཀོད་གཙོ་བོ་བརྒྱ་ཆ་བརྒྱ་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་ལྔ་བཅུ་གྲུབ་ཟིན་པ།
བླ་བྲང་གི་བཟོ་བཀོད་གཙོ་བོ་བརྒྱ་ཆ་བརྒྱ་གྲུབ་ཟིན་པ། ཆུ་གློག་གི་སྒྲིག་བཟོ་བརྒྱ་ཆ་བཞི་བཅུ་ཞེ་ལྔ་གྲུབ་ཟིན་པ།
དགོན་སྡེའི་བཟོ་བཀོད་ཁྱོན་ཡོངས་ཀྱི་སྒྲུབ་ཚད། བརྒྱ་ཆ་བརྒྱད་བཅུ་གྱ་གསུམ་གྲུབ་ཟིན་པ།

更新日期:14 十二月, 2023 11:41 上午

▲置頂