最新消息

འབྲི་གུང་༧སྐྱབས་མགོན་སྐུ་ཆེ་ཚང་རིན་པོ་ཆེ་མཆོག་གི་གཞུང་ཕྱོགས་ཀྱི་དྲ་ཐོག་ནས་“མཉན་ཡོད་རྒྱལ་སྤྱིའི་ཐེག་ཆེན་དགེ་སློང་མའི་དབྱར་གནས་”ཀྱི་འཇུག་སྡོམ་མཛད་སྒོའི་གནས་ཚུལ་ཁྱབ་བསྒྲགས་བྱས་པས།


འབྲི་གུང་༧སྐྱབས་མགོན་སྐུ་ཆེ་ཚང་རིན་པོ་ཆེ་མཆོག་གི་གཞུང་ཕྱོགས་ཀྱི་དྲ་ཐོག་(His Holiness Drikung Kyabgon – Facebook)ནས་ནང་དོན་ཡིག་སྒྱུར། འདྲ་པར་ནི་འབྲི་གུང་༧སྐྱབས་མགོན་སྐུ་ཆེ་ཚང་རིན་པོ་ཆེ་མཆོག་གི་གཞུང་ཕྱོགས་ཀྱི་དྲ་ཐོག་ནས་དྲངས།

༄༅།།སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་སྐུ་ཆེ་ཚང་རིན་པོ་ཆེ་མཆོག་གིས་ད་རེས་སྤྱི་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་དགེ་ཚུལ་སློང་མ་རྣམས་ཁྱོན་སྡོམ་བརྒྱ་དང་སུམ་ཅུ་སོ་གཅིག་ཐམ་པ་ལགས་ཁོ་ཚོས་གནས་ཆེན་མཉན་ཡོད་དུ་སྐབས་གཉིས་པ་དབྱར་གནས་དུས་ཡུན་ཟླ་བ་གཅིག་དང་ཕྱེད་ཀའི་དབར་དབྱར་གནས་ལེགས་གྲུབ་ཀྱིས་འཇུག་སྒྲིལ་བའི་ལག་ཁྱེར་གསོལ་རས་བསྩལ་བས་སྐབས། ༧སྐྱབས་མགོན་མཆོག་གིས་གསུངས་བཤད་གནང་དོན་ལ་དབྱར་གནས་དེའི་ལོ་རྒྱུས་ཀྱི་དོན་སྙིང་ནན་བཤད་དེར་ལོ་ཡུན་གཉིས་སྟོང་ལྷག་རིང་གི་རྗེས་མཉན་ཡོད་དུ་བཙུན་མའི་དབྱར་གནས་དུས་ཀྱི་འདུ་འཛོམས་ཐོག་མ་དེ་མཚོན་གྱི་ཡོད་གསུངས་སོང་།

ད་དུང་༧སྐྱབས་མགོན་མཆོག་གིས་དབྱར་གནས་འདིར་ཞུགས་མཁན་དང་། སྒྲིག་འཛུགས་བྱེད་མཁན། རོགས་སྐྱོར་བྱེད་མཁན་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོ་ཚོས་དཀའ་ངལ་འཛེམས་མེད་ཀྱིས་ད་རེས་ཀྱི་བྱེད་སྒོ་དེ་བྱེད་ཐུབ་བཟོས་འདུག ༧སྐྱབས་མགོན་མཆོག་གིས་དེ་བས་ཀྱང་སོ་སོའི་རིག་གཞུང་དང་རིགས་རུས་མི་འདྲ་བའི་བཙུན་མར་ཚང་མ་ལ་ང་ཚོ་མཐུན་སྦྱོར་མཉམ་གནས་ངང་འཚོ་བ་དང་སློབ་སྦྱོང་བྱས་པར་བསྔགས་བརྗོད་བྱས་པ་མ་ཟད། ཁོང་ཚོར་སློབ་སྟོན་དང་ནང་བསྟན་བརྒྱུད་སྤེལ་བྱེད་པའི་ཐད་ཀྱི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད། ༧སྐྱབས་མགོན་མཆོག་གིས་རེ་བར་ཁོང་ཚོ་དགེ་འདུན་གྱི་མགོ་ཁྲིད་དུ་གྱུར་ནས་མི་གཞན་ལ་ཕན་འདོགས་བྱེད་ཐུབ་པ་འབོད་བསྐུལ་ཡོད་གསུངས་འདུག

མཇུག་བསྡུའི་མཛད་སྒོའི་ཐོག་བྱང་ཆུབ་གླིང་གི་མཁན་ཆེན་ཉི་མ་རྒྱལ་མཚན་དང་། བཙུན་མ་མཁན་མོ་སྒྲོལ་མ་དང་དགོན་པའི་འགོ་འཛིན་བཙུན་མ་ཀུའོ་ཀོང་དང་ཤྲི་བཙུན་པ་དཀོན་མཆོག་ཚེ་འཕེལ་རྣམས་གྱིས་གསུང་བཤད་གནང་བ་རེད། ཡོ་ནན་དང་། དྷ་རམ་ས་ལར་བཙུན་དགོན་སྒྲོལ་མ་གླིང་དང་། བལ་ཡུལ་དུ་འབྲུག་ཨ་མི་ཏཱ་བྷའི་ཆོས་སྡེ། འབྲུག་ཡུལ་བཙུན་མའི་མཐུན་ཚོགས་བཅས་ཀྱི་བཙུན་མའི་འཐུས་མི་རྣམས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། དེ་ནས་ཐའེ་ཝན་གྱི་སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེས་གསུང་བཤད་གནང་བ་དང་༧སྐྱབས་མགོན་མཆོག་གིས་མཇུག་བསྡུའི་གཏམ་བཤད། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་ཀྱི་ལས་འཛིན་ལྷན་ཚོགས་དང་། ཨིན་དུ་ནི་ཤ་ཡ་འབྲི་གུང་བཀའ་བརྒྱུད་ཀྱི་ཨ་ཏི་ཤ་ཆོས་ཚོགས་དང་། ཐའེ་ཝན་འབྲི་གུང་བཀའ་བརྒྱུད་ཀྱི་རཏྣ་ཤྲི་ཆོས་ཚོགས་བཅས་ཀྱིས་དབྱར་གནས་ཚོགས་ཆེན་ལ་མཆོད་འབུལ་ཞུས་པ་རེད།

༧སྐྱབས་མགོན་མཆོག་གིས་གདན་ཞུས་ལྟར། སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཐའེ་ཝན་ནས་ཐད་འཕུར་གནམ་གྲུ་ཞིག་གླས་ཏེ་སློབ་མ་༣༠༠ མཉམ་དུ་ཁྲིད་ནས་མཉན་ཡོད་དུ་ལོ་རྒྱུས་རང་བཞིན་ལྡན་པའི་དབྱར་གནས་འདིར་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་ཡོད།


གཤམ་ནི་འབྲི་གུང་༧སྐྱབས་མགོན་སྐུ་ཆེ་ཚང་རིན་པོ་ཆེ་མཆོག་གི་གཞུང་ཕྱོགས་ཀྱི་དྲ་ཐོག་ནས་དབྱིན་ཡིག་གི་མ་ཡིག

On September 15th, His Holiness awarded certificates to 131 Bhikshunis and Shramanerikas who completed the 1.5-month Varsa in Shravasti. In his speech, His Holiness emphasized the historical significance of this Varsa, marking the first gathering of nuns in Shravasti for over 2000 years during the summer rains retreat.

His Holiness expressed gratitude to all participants, organizers, and sponsors who overcame numerous challenges to make this event possible. He expressed appreciation that nuns from various lineages and cultures had harmoniously lived and learned together, increasing their confidence in teaching and spreading the Buddhadharma. His hope is that they will emerge as leaders in the monastic community for the benefit of others.

The closing ceremony featured speeches from Ven. Khenmo Drolma, Abbess Ven. Guo Goang, Ven. Khenchen Nima Gyaltsen, and Shri Ven. Kunchok Tsephel. Nun representatives from Vietnam, Dolma Ling Nunnery in Dharamsala, Druk Amitabha Monastery in Nepal, and Bhutan Nuns Association expressed their deep gratitude. H.E. Rinchen Dorjee Rinpoche from Taiwan and His Holiness delivered concluding speeches. The International Drikung Kagyu Council, the Drikung Kagyu Atisha Center in Indonesia, and the Drikung Kagyu Glorious Jewel Center in Taiwan, made offerings to the Varsa Assembly.

At His Holiness’ invitation, H.E. Rinchen Dorjee Rinpoche chartered a direct flight from Taiwan to bring 300 disciples to Shravasti to celebrate the completion of this historic Varsa. #kyabgonnews #drikungkagyu


更新日期:11 十二月, 2023 12:21 下午