最新消息

༢༠༢༠ལོར་སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེས་ཐེ་ཝན་ལ་གཙོ་སྐྱོང་གནང་བའི་བོད་བརྒྱུད་ནང་བསྟན་གྱི་འབྲི་གུང་བཀའ་བརྒྱུད་ཀྱི་སངས་རྒྱས་འོད་དཔག་མེད་ཀྱི་འདས་བསྔོ་འདྲ་མཉམ་ཆོས་ཀྱི་ཚོགས་འདུ་ཆེན་མོ་རྫོགས་སོ།

༢༠༢༠ལོའི་ཟླ་༡༠ཚེས་༡༠ཉིན། ནང་བསྟན་གྱི་ཆོས་ཚོགས་རིན་ཆེན་དཔལ་གྱི་མཁན་པོ་བླ་མ་རིན་ཆེན་རྡོ་རྗེ་རིན་པོ་ཆེས་ཐའེ་པེ་གྲོང་ཁྱེར་གྱི་ནན་བགང་འགྲེམས་སྟོན་ཁང་ལ་ཐེངས་བཅུ་དྲུག་པའི་མཆོག་ཏུ་གྱུར་པའི“
སངས་རྒྱས་འོད་དཔག་མེད་ཀྱི་འདས་བསྔོ་འདྲ་མཉམ་ཆོས་ཀྱི་ཚོགས་འདུ་ཆེན་མོ་གཙོ་སྐྱོང་གནང་སོང་།

འདི་ལོ་གོ་ལ་ཧྲིལ་པོའི་ས་གནས་ཁག་ཏུ་གནོད་འཚེ་ཟམ་མི་ཆད་པར་ཕོག་གི་ཡོད་མོད། འོན་ཀྱང་སྐྱབས་རྗེ་རིན་ཆེན་རྡོ་རྗེ་རིན་པོ་ཆེ་ནི་སྔ་ཕྱི་བར་གསུམ་དུ་སྡུག་བསྔལ་གྱི་འགྲོ་བ་ཐུགས་ལ་དྲན་ཡོད། འགྲོ་བའི་དཀའ་སྡུག་ཆེ་ཤོས་ཀྱི་དུས་སུ་ཆོས་ལ་བརྟེན་ནས་འགྲོ་བའི་རིགས་ལ་རོགས་རམ་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། དེ་བས་ལོ་མགོའི་དུས་སུ་རིན་པོ་ཆེས་རང་འགུལ་ངང་༧རྒྱལ་བ་འབྲི་གུང་སྐྱབས་མགོན་ཆེ་ཙང་རིན་པོ་ཆེར་སྨོན་ལམ་བཏབ་ནས། འཛམ་གླིང་གི་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ཐམས་ཅད་དུས་མཉམ་དུ་རི་ཁྲོད་ལོ་མ་གྱོན་མའི་སྨོན་ལམ་འདེབས། ཆུ་ཚོད་༢༤ནང་འགྲོ་བ་ཀུན་ལ་སྨོན་ལམ་འདེབས་མ་ཟད། ད་ལོའི་འདས་བསྔོ་འདྲ་མཉམ་གྱི་ཆོས་ཀྱི་ཚོགས་འདུ་ཆེན་མོའང་སྔར་བཞིན་འཚོགས།

ལོ་ལྟར་གྱི་ཆོས་ཀྱི་ཚོགས་འདུ་ཆེན་མོ་ནི་རིན་ཆེན་རྡོ་རྗེ་རིན་པོ་ཆེས་སྣེ་ཁྲིད་པའི་ཆོས་ཚོགས་རིན་ཆེན་དཔལ་གྱི་སློབ་མ་ཚོས་མཉམ་དུ་སྲུང་སྐྱོབ་བྱས་པ་ཞིག་ཡིན་པ་ལས་ཕྱིར་ཞལ་འདེབས་ཕུལ་མེད་ལ་ཞལ་འདེབས་འབུལ་མཁན་ཡང་ཡོད་མ་མེད། འདི་ལོ་རིམས་ནད་ཀྱི་འབྲེལ་བའི་དབང་གིས་རིན་པོ་ཆེས་སློབ་མ་ཚོའི་དཔལ་འབྱོར་གནས་ཚུལ་ལ་ལྟ་རྟོག་བྱས་པ་མ་ཟད། ད་ཐེངས་ཀྱི་ཆོས་ཀྱི་ཚོགས་འདུ་ཆེན་མོའི་འགྲོ་གྲོན་ཕྲག་ཐོག་ཏུ་འཁུར་ཡོད། ཆོས་ཀྱི་ཚོགས་འདུ་ཆེན་མོ་ཡོངས་སུ་དག་པ་ནི་རིན་པོ་ཆེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་ཞིག་ཡིན་ཞིང་། ཆོས་ཀྱི་ཚོགས་འདུ་ཆེན་མོ་མ་ཟད། རིན་པོ་ཆེས་བཙུགས་པའི་ཆོས་ཚོགས་རིན་ཆེན་དཔལ་ལ་ཀྱང་ལོ་༢༠ལྷག་ཙམ་རིང་ཚང་མས་བྱང་བུ་བཙུགས་མེད་པ་དང་། གློག་སྤར་མེད་པ། འགྲོ་གྲོན་གང་ཡང་བསྡུས་མེད་པས། དེ་ནི་ཧ་ཅང་ཐོབ་དཀའ་བའི་དྭངས་གཙང་གི་ཆོས་ཚོགས་ཞིག་རེད།

དེ་ཙམ་གྱིས་མི་ཚད། ཆོས་ཀྱི་ཚོགས་འདུ་ཆེན་མོ་འཚོགས་རྗེས་ད་དུང་འཕྲོད་བསྟེན་ཕན་བདེ་པུའུ་ཡི་སྤྱི་ཚོགས་དང་ཁྱིམ་ཚང་ཧྲུའུ་(བསྡུས་མིང་ལ་ཧྲེ་ཅ་ཧྲུའུ་ཞེས་བརྗོད་རྒྱུ)དང་ཁྲིམས་རྩོད་པ་དང་དངུལ་ཁང་གི་འཐུས་མིས་ཐུན་མོང་ཐོག་བདེན་དཔང་བྱས་པའི་འོག ཚོགས་ཞུགས་མང་ཚོགས་ཀྱི་བསྙེན་བཀུར་དངུལ་སྒོར་༦༤༠༠༥༦༢ གྱི་ཕྱེད་ཀ་(སྒོར་༣༢༠༠༢༨༡)ནང་བསྟན་༧རྒྱལ་བ་འབྲི་གུང་སྐྱབས་མགོན་ཆེ་ཙང་རིན་པོ་ཆེའི་གཞི་འཛུགས་ལ་ཞལ་འདེབས་ཕུལ་བ། ཕྱེད་ཀ་(སྒོར་༣༢༠༠༢༨༡)འཕྲོད་བསྟེན་ཧྥུའུ་པུའུ་ཧྲེ་ཧྲུའུ་ཡི་ཆེད་འཇོག་རྩིས་ཁུངས་ཨང་༣༠༢ལ་ཕུལ་བ། རིན་པོ་ཆེས་སྤྱི་ཕན་དགེ་སྒྲུབ་དང་སྤྱི་ཚོགས་ཕན་བདེའི་ཆེད་སྤྱོད་ལ་ཕུལ་བ། ལོ་ལྟར་གྱི་ཚོགས་འདུ་ཆེན་མོ་དང་འདྲ་བར་ས་ཞིང་ལ་ལེགས་སྐྱེས་འབུལ་གྱི་ཡོད། ༢༠༠༥ ལོ་ནས་ད་བར་རིན་པོ་ཆེས་སྤྱི་ཚོགས་ཀྱི་སྤྱི་ཕན་དགེ་སྒྲུབ་སྣ་ཚོགས་ལ་ཞལ་འདེབས་ཕུལ་བར་རིམ་རྩིས་བྱས་ན་ཐའེ་དབན་གྱི་སྒོར་མོ་ཁྲི་༩༦༨༢ ཟིན་ཡོད་པ་རེད།

ད་ཐེངས་སངས་རྒྱས་འོད་དཔག་མེད་ཀྱི་འདས་བསྔོ་འདྲ་མཉམ་ཆོས་ཀྱི་ཚོགས་འདུ་ཆེན་མོའི་ནང་ཞུགས་མཁན་གྱི་གྲས་སུ་འབྲུག་ཡུལ་ནས་ཡོང་བའི་རིན་པོ་ཆེ་དང་བླ་མ་དང་། དགེ་སློང་དང་། དགེ་སློང་མ་སོགས་ཁྱོན་མི་༢༡༠ཡོད་པ་དང་། དེ་བཞིན་ཐའེ་དབན་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་༡༤ཡི་དད་ལྡན་མང་ཚོགས་དང་སློབ་མ་ཉི་ཁྲི་ལྷག་ཙམ་གྱིས་མིང་ཐོ་བཀོད་ནས་ཞུགས་ཡོད། གཞི་ཁྱོན་རྒྱས་པར་མ་ཟད་། དེའི་ཐོག་ནས་མདོ་སྔགས་ཀྱི་དགེ་འདུན་སྡེ་བཞི་རྫོགས་བྱུང་།

རིན་པོ་ཆེས་ཚོགས་འདུ་ནང་ཁྱད་པར་དུ་༧རྒྱལ་བ་འབྲི་གུང་སྐྱབས་མགོན་ཆེ་ཙང་རིན་པོ་ཆེའི་ཞབས་ཕྱི་བཙུན་པོ་བསམ་གཏན་ལ་འདས་བསྔོ་གནང་བྱུང་། ཞབས་ཞུ་བས་ཚོགས་འདུར་ཞུགས་མང་ཚོགས་ཀྱི་ཚབ་བྱས་ཏེ་འདས་ཟིན་པའི་མི་ཡོད་ཚད་ཀྱི་སྒོ་བྱང་ཁྱེར་ཞིང་། བཙུན་པོ་བསོད་ནམས་ཀྱིས་༧རྒྱལ་བ་འབྲི་གུང་སྐྱབས་མགོན་ཆེ་ཙང་རིན་པོ་ཆེའི་ཞབས་ཕྱི་བཙུན་པོ་བསམ་གཏན་གྱི་སྒོ་བྱང་བཟུང་ནས་གཙོ་སྐྱོང་གནང་མཁན་གྱི་མདུན་དུ་པུས་མོ་བཙུགས་ཏེ། རིན་པོ་ཆེས་ཚང་མར་འདས་བསྔོ་ཞུ་རྒྱུའི་འདས་པའི་མིང་བཤད་དུ་བཅུག ཚང་མས་ཡར་བཞེངས་ནས་ཐལ་མོ་སྦྱར་ཏེ་དཀྱིལ་འཁོར་ལ་གུས་པར་འདུད་ཐེངས་གསུམ་ཞུས་པ།

རིན་པོ་ཆེས་ཞབས་གཉིས་སྐྱིལ་ཀྲུང༌དུ་བཞུགས་པ་ཆུ་ཚོད་གསུམ་ཙམ་ཐལ་སོང་། ཁྲི་ལས་བབས་མ་ཐག་འཕུར་པ་ལྟར་མྱུར་དུ་གོམ་པ་སྤོས་ཏེ། མཆོད་པའི་ལྷ་མོ་བརྒྱད་ཀྱིས་སྣེ་ཁྲིད་འོག་ཕར་འགྲོ་ཚུར་འོང་གནང་མཁན་གྱིས་ཚོགས་ར་ཡོངས་སུ་བསྐྱོད་དེ་ཞལ་ནས་སྔགས་ཟམ་མི་ཆད་པར་འདོན་གྱི་ཡོད་པ་མ་ཟད། བདུད་རྩིའི་ཆུ་སྦངས་པའི་ཀུ་ཤ་རྩྭའི་ཚོམ་བུས་ཚོགས་ཞུགས་མི་སྣ་ཡོངས་ཀྱི་ཆེད་དུ་བྱིན་རླབས་གནང་ཀྱི་ཡོད། མང་ཚོགས་ཀྱིས་ཁ་ཁུ་སིམ་པའི་ངང་བཞུགས་སར་ཕེབས་སྒུག་ཞུས་ཀྱང་མི་ཚང་མའི་མིག་ནས་རེ་སྒུག་ནན་པོ་བྱེད་ཀྱི་ཡོད་པ་དང་། གུས་པར་ཐལ་མོ་སྦྱར་ཏེ་རིན་པོ་ཆེས་བདུད་རྩིས་བྱིན་གྱིས་བརླབས་བསྒུགས་ནས་བསྡད་ཡོད། བདུད་རྩི་ལུས་སྟེང་དུ་གཏོར་སྐབས། མི་མང་པོའི་གདོང་ནས་དགའ་མཆོང་གི་ཉམས་ཤིག་མངོན་ཡོང་། རིན་པོ་ཆེས་ཡོངས་སུ་གཏོར་བའི་རླངས་འཁོར་རུ་ཁག་གིས་ཚོགས་ར་ཡོངས་སུ་བསྐོར་ནས་སྐྱོད་སྐབས་ཚོགས་ཞུགས་མང་ཚོགས་དྲི་ཞིམ་གང་སར་འཐུལ་བཞིན་ཡོད་པ་དེ་བདེ་བ་ཅན་དུ་གནས་པ་ལྟར་བསམ་ཡུལ་ལས་འདས་པ་ཞིག་རེད།

ཚོགས་འདུ་ལས་ཡུལ་དངོས་སུ་སྟོང་བདུན་ཕིང་ཡོད་པ་དེ་ནི་རྐང་རྩེད་སྤོ་ལོའི་ཐང་གསུམ་དང་ཕྱེད་ཀ་ཡོད་པ་དེ་རེད། རིན་ཆེན་རྡོ་རྗེ་རིན་པོ་ཆེས་ཕྱག་ཏུ་བཟུང་བའི་ཀུ་ཤ་རྩྭས་མི་མང་ལ་སྐར་མ་སུམ་ཅུ་ལྷག་ལ་གཏོར་ཞིང་། ཕྱག་གཡས་པས་བཟུང་བའི་ཀུ་ཤ་རྩྭ་འི་ཚོམ་བུ་ནི་བདུད་རྩི་གཞིབས་ནས་ལྗིད་པོ་ཞིག་ཏུ་གྱུར། དངོས་སུ་རིན་པོ་ཆེ་ནི་རང་གི་སྒལ་ཚིགས་S དབྱིབས་ཀྱི་གཞོགས་ཟུར་དུ་གུག་ཆེ་བའི་རྒྱུ་ནད་དང་དཔུང་གཡས་ཀྱི་དཔུང་ཚིགས་ཀྱི་ན་ཟུག་གིས་ཚང་མར་འཁུར་བཞིན་ཡོད། རྒྱུ་མཚན་ནི་རིན་པོ་ཆེའི་དཔུང་གཡས་ཀྱི་དཔུང་ཚིགས་ལ་སྔ་མོ་ནས་འདྲེད་གཤེར་སྣོད་དང་ཕྲུམ་རུས་མེད་པས་ཡིན། ཚོགས་ར་ཡོངས་ནས་ཆུ་དྭངས་མ་གཏོར་རྗེས། རིན་པོ་ཆེས་རིད་པའི་ལུས་སྟེང་ནས་ཀུ་ཤ་རྩྭ་འི་ཚོམ་བུ་ལྗིད་པོས་གཡུགས་པའི་ཐེངས་༤༨༠ལྷག་ཟིན་པ་དང་། ཆ་སྙོམས་སྐར་ཆ་ལྔ་མ་འགོར་བར་ཐེངས་གཅིག་གཏོར་གྱི་ཡོད། བརྒྱུད་རིམ་ནང་རིན་པོ་ཆེ་ནི་ཚེ་སྲོག་ཡོད་ཚད་སྤྱད་ནས་ཚང་མར་རོགས་རམ་བྱེད་ཀྱི་ཡོད། ལས་ཡུལ་དངོས་ཀྱི་མི་མང་པོ་ཞིག་གིས་རིན་པོ་ཆེར་སྒེར་སེམས་མེད་པ་མཐོང་ནས་མིག་ཆུ་གཏོང་གི་ཡོད།

མཆན་འགྲེལ་དང་པོ། བྱེད་སྒོའི་ནང་ཞུགས་མཁན་ནི་ཁ་ན་ཏ་དང་། འཇར་མན། ཧྥ་རན་སེ། རྒྱ་ནག ཤང་ཀང་དང་ཨའོ་མོན་ས་ཁུལ། རི་པིན། མ་ལེ་ཞི་ཡ། ཧིན་རྡུ་ཉི་ཞི་ཡ། ཧྥི་ལི་ཕིན། ཡོ་ནན། རྒྱ་གར། འབྲུག་ཡུལ། སི་ཕེན། ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་༡༤ནས་ཡིན།

མཆན་འགྲེལ་གཉིས་པ། ད་ཐེངས་ཀྱི་ཚོགས་འདུར་མིང་ཐོ་འདས་བསྔོ་ཞུ་རྒྱུའི་མིང་ཐོ་༢༠༣༥༣༡ཡོད་པ་དང་། ཚོགས་འདུ་ཁྲོད་དུ་འདས་བསྔོ་ཞུ་རྒྱུའི་འདས་པོའི་མིང་དེ་ཡོལ་དཀར་ཆེན་པོ་ཞིག་ཏུ་འགོད་རྒྱུ་རེད། ད་ཐེངས་ཀྱི་ཚོགས་འདུ་ཡང་ཡོལ་དཀར་ཆེན་པོ་ཞིག་གི་ཐོག་ནས་རིན་ཆེན་དཔལ་དགོན་གྱི་སྦྱིན་བདག་རྣམས་ཀྱི་མིང་བསྟན་རྒྱུ་རེད། རིན་པོ་ཆེས་རིན་ཆེན་དཔལ་དགོན་གྱི་སྲུང་སྐྱོབ་བྱེད་མཁན་རྣམས་ལ་ཐུགས་སེམས་བཅངས་ནས་ད་རེས་ཀྱི་ཚོགས་འདུ་ཆེན་མོ་དང་དེ་བཞིན་དེའི་རྗེས་ཀྱི་ཟླ་བ་རེ་རེའི་ནང་ཚོགས་འདུ་གཅོད་ཀྱི་ཆོ་ག་ཕྱག་ལེན་གནང་དུས་ཁོང་ཚོ་མེས་པོ་དང་། ཚེ་རབས་མང་པོའི་ཕ་མ། དེ་བཞིན་དགྲ་ཟླ་བུན་བདག་བཅས་ལ་འདས་བསྔོའི་རོགས་རམ་གནང་གི་ཡོད།


Back to Home Page

更新日期:2020 年 10 月 23 日